Khandro Künzang Wangmo (mKha’ ‘gro kun bZang dBang mo / མཁའ་འགྲོ་ཀུན་བཟང་དབའང་མོ་) was the sangyum of Kyabjé Chöying Rinpoche. She was born in 1912 in Tsari Kyiphug near Mahasiddha Lawapa’s cave in Tibet. One of her main Lamas was Trülshig Tripön Rinpoche Ngawang Pema Chökyi Gyalpo — a principal disciple of Togden Shakya Shri. On travelling to Sang-ngak Chö-ling in central Tibet she met Kyabjé Chöying Rinpoche.

Chöphel, her father came from the blood line of gTértön Min’gyür Dorje, from Kham Dérgé Kathog gTértön-gar, Eastern Tibet. Her mother was Döndrüp Chödrön from the hidden land of Guru Rinpoche in Powo in Padma Kyö’u, Tibet. She was a disciple of Togden Shakya Shri and came from the same family of Gyatshong Tulku. One of the Tulkus of gTértön Min’gyür Dorje was also born in her family. After the death of her husband she married a doctor who was a paternal uncle of of Kyabjé Düd’jom Jig’drèl Yeshé Dorje. The doctor was a disciple of Togden Shakya Shri. Her mother was a ngakma who manifested thug-damn on her death.

Her grandfather on her mother’s side attained rainbow-body.

She passed into Mahaparinirvana in Bhutan in 1980. She has 5 children, 4 sons and a daughter.

༆ ཁམས་སྡེ་དགེ་ཀཿཐོག་གཏེར་སྟོན་སྒར་ནས་ཡིན་པའི་གཏེར་སྟོན་མི་འགྱུར་རྡོ་རྗེའི་གདུང་རྒྱུད་ཡིན་པ། ལུང་གིས་ཟིན་ཞིང་ཐུགས་རྒྱུད་ཤིན་ཏུ་འཇམ་ལ་བཟོད་བསྲན་ཆེ་བ། གཞན་ཕན་ལྷག་བསམ་གྱིས་ཕྱུག་ཅིང་བྱམས་སྙིང་རྗེས་བརླན་པ་སོགས། མདོར་ན་དཀར་པོའི་ཆོས་ཀྱིས་ཡོངས་སུ་ཕྱུག་ཅིང་རྒྱལ་བའི་ཡུམ་གྱི་རིགས་ཅན་མཁའ་འགྲོ་མའི་མཚན་རྟགས་དང་ལྡན་པའི་སྲས་མོ་ཀུན་བཟང་དབང་མོ་མཆོག་ནི། ༸སྐྱབས་རྗེ་ཆོས་དབྱིངས་རིན་པོ་ཆེ་མཆོག་གི་གསང་ཡུམ་ཡིན་ཞིང་བོད་ཡུལ་དུ་གྲུབ་ཐོབ་ལྭ་བ་པའི་ཕུག་པའི་ཉེ་འདབས་སམ་ཙ་རི་སྐྱིད་ཕུག་ཏུ་ཕྱི་ལོ་ ༡༩༡༢ ལོར་སྐུ་འཁྲུངས། ཡབ་ཀྱི་མཚན་ལ་ཆོས་འཕེལ་ཟེར། སྡེ་དགེ་ཀཿཐོག་གཏེར་སྟོན་སྒར་ནས་ཡིན་ཞིང་གཏེར་སྟོན་མི་འགྱུར་རྡོ་རྗེའི་གདུང་ནས་མཆེད། ཡུམ་གྱི་མཚན་ལ་དོན་གྲུབ་ཆོས་སྒྲོན་ཟེར། ཨོ་རྒྱན་གྱི་སྦས་གནས་གནས་མཆོག་པདྨ་བཀོད། སྤོ་བོ་ཞེས་པའི་ཡུལ་དུ་སྐུ་འཁྲུངས་ཤིང་ཕྱིས་སུ་༸གྲུབ་པའི་དབང་ཕྱུག་ཆེན་པོ་རྟོགས་ལྡན་ཤཱཀྱ་ཤྲཱིའི་སློབ་འབངས་སུ་གྱུར། ཡུམ་དང་སྤོ་བོ་ནང་གི་རྒྱ་ཚོང་སྤྲུལ་སྐུ་རྣམས་ནང་ཚང་གཅིག་ལས་མཆེད་པར་འདོད་པ་མ་ཟད། གཏེར་སྟོན་མི་འགྱུར་རྡོ་རྗེའི་སྐུ་ཐོག་ཅིག་ཀྱང་ཡུམ་གྱི་མ་རྒན་གྱི་ཁྱིམ་ཚང་ནང་ནས་འཁྲུངས་ཡོད་པར་གསུངས། ཕྱིས་སུ་ཡབ་ཆོས་འཕེལ་དང་སོ་སོར་གྱེས་ནས་སྐུ་ཟླ་ལྷ་རྗེ་སྨན་པ་ཞིག་དང་ལྷན་དུ་བཞུགས། ལྷ་རྗེ་སྨན་པ་དེ་ཡང་སྤོ་བོ་ནང་ནས་ཡིན་ཞིང་༸རྟོགས་ལྡན་ཤཱཀྱ་ཤྲཱིའི་དངོས་སློབ་ཡིན་པ་མ་ཟད། ༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཨ་ཁུ་ཡིན་པར་གསུངས། ཡུམ་གྱི་མའི་ཕ་རྒན་ཆོས་ལ་ཤིན་ཏུ་དད་ཅིང་རྟག་ཏུ་མ་ཎི་ཡིག་དྲུག་མ་ཁོ་ན་འདོན་མཁན་ཞིག་ཡོད་པ་དེ། མཐར་སྐུ་ཉིད་ཀྱི་མཚམས་ཁང་ནང་དུ་གདོས་བཅས་ཀྱི་སྐུ་ལུས་མེད་པར་འཇའ་ལུས་སུ་གྲུབ་ཡོད་པར་གསུངས། མ་ཟད་ཡུམ་གྱི་མ་རྒན་མཁའ་འགྲོ་མའི་མཚན་མ་དང་ལྡན་ཞིང་མཆོག་གསུམ་ལ་ཤིན་ཏུ་དད་པས་ལྷ་ཚོགས་རྣམས་ཀྱི་གཟུངས་སྔགས་ཀྱི་བསྙེན་པ་རེ་བསགས་ནས་བཞུགས་མཁན་ཞིག་ཡོད་པ་དེ་ཡང་སྐུ་ཞིང་ལ་ཕེབས་ཁར་མཁའ་འགྲོའི་ཚོགས་རྣམས་དངོས་སུ་བསུ་བར་ཕེབས་ནས་ངོ་མཚར་བའི་རྟགས་དང་བཅས་ཐུགས་དམ་ལ་བཞུགས་བཞིན་པའི་ངང་ཆོས་དབྱིངས་དག་པའི་ཞིང་དུ་བདེ་བར་གཤེགས་ཡོད་པར་གསུངས། མཁའ་འགྲོ་ཀུན་བཟང་དབང་མོ་མཆོག་ནི་སྐུ་ན་ཆུང་དུས་ནས་ཆོས་སེམས་དང་དད་པ་ཆེ་ཞིང་ ༸གྲུབ་པའི་དབང་ཕྱུག་རྟོགས་ལྡན་ཤཱཀྱ་ཤྲཱིའི་དངོས་སློབ་ཀྱི་ཐུ་བོ་༸འཁྲུལ་ཞིག་ཁྲིད་དཔོན་རིན་པོ་ཆེ་ངག་དབང་པདྨ་ཆོས་ཀྱི་རྒྱལ་པོ་མཆོག་བླ་མར་བསྟེན། ཕྱིས་སུ་སྦྱར་གསང་སྔགས་ཆོས་གླིང་དུ་ཕེབས་ནས་དེར་ཡུན་རིང་བཞུགས། སྐབས་དེ་དུས་༸སྐྱབས་རྗེ་ཆོས་དབྱིངས་རིན་པོ་ཆེ་མཆོག་དང་ཐོག་མར་མཇལ་ཕྲད་བྱུང་གསུངས། ཕྱི་ལོ་༡༩༨༠ ལོར་འབྲུག་ཡུལ་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། མཁའ་འགྲོ་ཀུན་བཟང་དབང་མོ་མཆོག་ལ་སྲས་སྲོས་ལྔ་ཡོད་ཅིང་། སྐུ་ཟླ་སྔ་མ་དང་ལྷན་དུ་སྲས་གཉིས་འཁྲུངས་པ་དེ་སྐུ་ན་བགྲེས་པས་བོད་ཡུལ་དུ་སྐུ་གཤེགས་ནས་ཡུན་རིང་སོང་། ༸སྐྱབས་རྗེ་ཆོས་དབྱིངས་རིན་པོ་ཆེ་མཆོག་དང་ལྷན་དུ་སྲས་གཉིས་དང་སྲས་མོ་ཞིག་འཁྲུངས། སྲས་རྒན་པ་དེའང་འཕགས་ཡུལ་མོན་ཏཱ་ཝང་དུ་སྐུ་གཤེགས་ནས་ལོ་མང་ཐལ། ད་ལྟ་སྲས་ཆུང་བ་དང་སྲས་མོ་རྣམ་གཉིས་འབྲུག་གི་རྒྱལ་ས་ཐིམ་ཕུར་སྐུ་འཚོ་བཞུགས་ཡོད་པར་གསུངས་སོ།།